夏雄歌词 – 阿兰

2023年2月23日07:03:54 发表评论 34

夏雄 - 阿兰

词:向巴多吉

曲:大各泽旺

编曲:郭峻江

夏雄歌词 - 阿兰

ཤར་བྱུང་ལ་དང་ཤར་བྱུང་།།

དྲོད་འཇམ་ཉི་མ་ཤར་བྱུང་།།

དྲོད་འཇམ་ཉི་མ་ཤར་དུས།།

ཕ་མའི་བཀའ་དྲིན་དྲན་བྱུང་།།

ཚེས་བྱུང་ལ་དང་ཚེས་བྱུང་།།

དཀར་གསལ་ཟླ་བ་ཚེས་བྱུང་།།

དཀར་གསལ་ཟླ་བ་ཚེས་དུས།།

དགེ་རྒན་བཀའ་དྲིན་དྲན་བྱུང་།།

གང་བྱུང་ལ་དང་གང་བྱུང་།།

ནམ་མཁར་སྐར་མས་གང་བྱུང་།།

ནམ་མཁར་སྐར་མས་གང་དུས།།

ཕུ་ནུ་མིང་སྲིང་དྲན་བྱུང་།།

发表评论

:?: :razz: :sad: :evil: :!: :smile: :oops: :grin: :eek: :shock: :???: :cool: :lol: :mad: :twisted: :roll: :wink: :idea: :arrow: :neutral: :cry: :mrgreen: